当前位置: 首页 > 政务公开 > 公示公告

囊谦县文明办关于疫情防控期间婚事延办、丧事简办、各类聚集性餐饮活动停办的倡议书

发布时间:2020-02-03 浏览次数:
[返回上页] [打印本页] [关闭页面]
ནང་ཆེན་རྫོང་དཔལ་ཡོན་གཞུང་དོན་ཁང་གི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་གཉེན་སྟོན་ཕྱིར་འགྱངས་བྱེད་པ་དང་།འདས་མཆོད་སྟབས་བདེར་སྒྲུབ་པ།འདུ་འཛོམས་རང་བཞིན་གྱི་གསོལ་སྟོན་བྱེད་སྒོ་སྣ་ཚོགས་གཉེར་མཚམས་འཇོག་པའི་སྐོར་གྱི་གྲོས་འགོའི་ཡི་གེ།

 རྫོང་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་རྣམ་པ།མིག་སྔར།ཏོག་དབྱིབས་ནད་དུག་གསར་བའི་འགོས་ནད་ཀྱི་གློ་བའི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བ་ཆེས་གནད་འགག་དང་ཆེས་གལ་ཆེ་བའི་དུས་སྐབས་སུ་སླེབས་ཡོད།རིམས་ནད་སྔོན་འགོག་གི་ལས་དོན་སོ་སོ་དུས་ཐོག་དང་གོ་རིམ་ལྡན་པའི་ངང་སྤེལ་རྒྱུར་འགན་ལེན་དང་།ཏོག་དབྱིབས་ནད་དུག་གསར་བའི་འགོས་ནད་ཀྱི་གློ་བའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྡུང་དམག་འཐབ་ལ་ཁྱོན་ཡོངས་ནས་རྒྱལ་ཁ་ལེན་པ།རྫོང་ཡོངས་ཀྱི་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་འགན་ལེན་ནུས་ལྡན་བཅས་བྱ་ཆེད།རྫོང་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་བཀོད་སྒྲིག་ལྟར། ད་ལྟ་རྫོང་ཁོངས་ཡོངས་སུ་གཉེན་སྟོན་དང་འདས་མཆོད།འདུ་འཛོམས་རང་བཞིན་གྱི་གསོལ་སྟོན་བྱེད་སྒོ་སྣ་ཚོགས་སོགས་སྤེལ་རྒྱུའི་ཐད་གཤམ་གྱི་གྲོས་འགོ་བཏོན་པ་ཡིན།དང་པོ། དུས་སྐབས་འདིར་བསྒྲུབ་རྒྱུ་གཏན་ཁེལ་བྱས་ཟིན་པའི་གཉེན་སྟོན་དག་རིམས་ནད་གནས་ཚུལ་མཇུག་བསྒྲིལ་རག་བར་དུ་ཕྱིར་འགྱངས་བྱས་ཏེ་སྒྲུབ་རྒྱུ།རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་། རྫོང་ཡོངས་ཀྱི་ཁྱབ་ཁོངས་ནང་ཆང་ཁང་དང་ཟ་ཁང་སྣ་ཚོགས་ཀྱིས་གཉེན་སྟོན་དང་སྐྱེས་སྐར་སོགས་མི་མང་མཉམ་འདུས་གསོལ་སྟོན་བྱེད་སྒོ་སྣ་ཚོགས་གཉེར་མཚམས་འཇོག་རྒྱུ་།གཉེན་སྒྲིག་གི་པར་ལེན་ཞབས་ཞུའི་ཚོགས་པ་སྣ་ཚོགས་ཀྱང་མཉམ་སྡེབ་བྱེད་སྒོ་སྣ་ཚོགས་ནང་མི་ཞུགས་རྒྱུ།གཉིས་པ།འདས་པོའི་འདས་མཆོད་དང་ཆོས་སྒྲུབ་ལ།རྙོག་འཛིང་སྟབས་བདེར་གཏོང་བ་དང་།ཁྱབ་ཁོངས་ཆུང་དུ་གཏོང་བདར་སྤེལ་བཏང་སྟེ།དུས་ཚོད་ཐུང་དུ་གཏོང་བ་དང་གོ་རིམ་ཉུང་དུ་བཏང་ནས།གཞི་རྩའི་ཐོག་ཐད་ཀའི་གཉེན་ཚན་ཁོ་ན་མ་གཏོགས་མི་ཞུགས་པ་དང་།འདས་མཆོད་མཇུག་འགྲིལ་རྗེས་མྱུར་དུ་ཕྱིར་ལོག་དགོས།འདས་མཆོད་བྱེད་སྐབས་ཚང་མས་ཁ་ཐུམ་གྱོན་དགོས་པ་མ་ཟད།དུག་སེལ་འགོག་སྲུང་གི་ལས་དོན་ཡག་པོར་སྒྲུབ་དགོས། གཉེན་ཉེ་དང་གྲོགས་པོ་གཞན་དག་གིས་ཁ་པར་རམ་འཕྲིན་ཕྲན་བརྒྱུད་ནས་རྒྱང་རིང་ནས་འབྲེལ་གཏུགས་བྱས་བྱེད་པ་ལས།འདས་མཆོད་སྐབས་ཡུལ་དངོས་སུ་མ་ཐོན་ན་བཟང་།གསུམ་པ།འབྲེལ་ཡོད་སྡེ་ཚན་དང་ཤང་གྲོང་ཏང་ཨུད། སྡེ་བ་སོ་སོའིསྡེ་ཁུལཏང་ཀྲི་པུའུ་ཡིས་མང་ཚོགས་ཀྱི་བསམ་བློའི་ཁྲིད་སྟོན་ལས་དོན་དུས་ཐོག་ཏུ་ཡག་པོར་བསྒྲུབས་ནས།་གཉེན་སྟོན་ཕྱིར་འགྱངས་ཀྱིས་སྟབས་བདེ་སྒྲུབ་པ་དང་། འདས་མཆོད་སྟབས་བདེར་གཉེར་བའི་སྔོན་འགྲོའི་ཆ་རྐྱེན་འོགམང་ཚོགས་ལ་ཞབས་ཞུ་ཡག་པོར་སྒྲུབ་དགོས།བཞི་བ།རྫོང་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་རང་དཔེ་གཞན་སྟོན་དང་། དཔེ་བཟང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ནས།ཉེ་འགྲམ་གྱི་གཉེན་ཉེ་དང་གྲོགས་པོར་བསམ་བློའི་ཁྲིད་སྟོན་དང་།རྒྱ་ཆེའི་མང་ཚོགས་ལ་འགྲེལ་བཤད་དང་ཁྲིད་སྟོན་བྱེད་པའི་བྱ་བ་སྒྲུབ་དགོས།རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པར་མི་ཚང་མར་འགན་འཁྲི་ཡོད་པས།རྫོང་ཡོངས་ཀྱི་རྒྱ་ཆེའི་མང་ཚོགས་ཀྱིས་འགོག་སྲུང་གི་འདུ་ཤེས་འཛིན་ཤུགས་ཇེ་ཆེར་གཏོང་བ་དང་།ཧུར་ཐག་གིས་རྒྱབ་སྐྱོར་བྱ་རྒྱུ་གལ་ཆེ།ཁྱེད་ཀྱིས་བསམ་ཤེས་དང་གཞོགས་འདེགས་གནང་བར་ཐུགས་རྗེ་ཆེ་ཞུ།            

 ནང་ཆེན་རྫོང་བསམ་པའི་དཔལ་ཡོན་འཛུགས་སྐྲུན་མཛུབ་སྟོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གིས

2020ལོའི་ཟླ2པའི་ཚེས3ཉིན།

囊谦县文明办关于疫情防控期间婚事延办、丧事简办、各类聚集性餐饮活动停办的倡议书

全县干部群众:目前,新型冠状病毒感染的肺疫情防控工作到了最关键、最紧要的时期,为保证各项防疫工作及时有序推进、全面打赢新型冠状病毒感染的肺炎疫情防控阻击战,有效保障全县群众的生命安全和身体健康,按照全县疫情防控工作安排,现就全县内举办各类婚丧嫁娶事宜和聚集性餐饮活动发出如下倡议:一、对确定在此期间办理的婚礼,延期到疫情结束后办理。疫情防控期间,全县范围内各类酒店、餐馆一律停办所有婚嫁、生日等各类集体聚餐活动;各类婚庆摄影服务团队不参与承办各类集体活动。二、对丧葬事宜,提倡“化繁从简,缩小范围”,要压减时间、缩短程序,原则只允许直系亲属参加,拜祭完毕即返回,治丧期间一律戴口罩,并做好消毒防护工作;其他亲朋好友通过电话、微信遥祭,尽量不到现场参加祭拜。三、相关部门和乡镇党委、各村(社区)党支部要及时做好群众的思想引导工作,在婚事延办简办和丧事简办的前提下,为群众提供好服务。四、全县广大党员干部要以身作则,发挥模范带头作用,做好身边亲友的思想引导和广大群众的解释疏导工作。疫情防控,人人有责。望全县广大群众增强防护意识,积极支持响应,感谢您的理解与配合。 

囊谦县精神文明建设指导委员会办公室

2020年2月3日


青海省人民政府网